佛七法会,海会云集,善信同归,法缘广布,胜事难逢

中文 | བོད་ཡིག།
ང་ཚོའི་ངོ་སྤྲོད།关于我们
སྤྱི་ལོ་དུས་རབས་བརྒྱད་པ་ཙམ་སྟེ་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་དུ་བོད་ཀྱི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་དེ་ཉིད། པཎ་ཆེན་བི་མ་ལ་མི་ཏྲ་སྟེ་དྲི་མེད་བཤེས་གཉེན་རྒྱ་ནག་ཏུ་ཕེབས་པའི་སྐྱེལ་མ་རུ་རྒྱ་བོད་སོ་མཚམས་ལ་ཕེབས་པར། རྡོ་དཀར་ཧེའི་ཟེར་བའི་ལ་ཁ་དེར་ཕེབས་པ་དང་། ཀླུའི་རྒྱལ་མཚན་ཁོང་གི་སྐུ་ལུས་ལ་འབྲལ་མེད་དུ་བསྣམས་པའི་དད་རྟེན་གཙོ་སྒྲོལ་མའི་སྐུ་བརྙན་ད་ལྟའང་འདིརབཞུགས་པ་དེའི་ཞལ་ནས་ང་འདིར་སྡོད་པ་ལས་དེ་བས་གཞན་དུ་མི་འགྲོ་ཞེས་མངོན་སུམ་དུ་གསུང་འབྱོན་པ་ལ་བརྟེན་ནས་གནས་འདི་དགེ་བར་མཐོང་། ཡུལ་གྱི་སྡེ་དཔོན་ནམ་ཏྲེ་ཧོར་དཔོན་གྱི་ཞལ་བཞེས་དང་མཐུན་རྐྱེན་འོག དཔོན་བླ་ཟུང་གིས་གསང་སྔགས་རྙིང་མའི་ཆོས་རྒྱུད་འཛིན་པའི་དགོན་སྡེ་ཞིག་བཏབ། ནང་རྟེན་སྒྲོལ་མ་གཙོ་བོ་བྱས་མཚན་ལ་ཅོག་རོ་དགོན་ཞེས་མཚན་གསོལ། རྗེས་སུ་ཐུགས་འགྱུར་གྱིས་འབུམ་སྐྱ་བོ་པོད་བཅུ་གཉིས་བཅས་གནང་། བོད་རབ་བྱུང་བཞི་པའི་ནང་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགོན་འདིར་བཞུགས་ནས། རྟེན་ལ་རབ་གནས་ཀྱི་མེ་ཏོག་འཐོར། རྣམ་སྲས་མདུང་དམར་ཅན་ལ་ནོར་ལྷ་རུ་བཀའ་བསྒོས་མཛད། བོད་རབ་བྱུང་དྲུག་པ་འཇམ་མགོན་བླ་མ་ཙོང་ཁ་པ་དབུས་སུ་ཕེབས་སྐབས་དགོན་འདིར་ཕེབས་ནས་རྟེན་མཇལ་མཛད།
གཟིགས་ཞིབ་དེ་བས་མང་བ།

སློབ་གླིང་ངོ་སྤྲོད།学院介绍

ཆོས་སྒོ་ཕྱེས་ནས་བཟུང་མཁར་གསར་རིན་པོ་ཆེའི་ཐུགས་དགོངས་བཞིན། སློབ་གྲྭ་ནི་དགོན་པའི་རྨང་གཞི་ཡིན་པ་གཙུག་ཏུ་འཛིན་ནས་ཀ་ཁ་ནས་བཟུང་འདོན་འཚོགས་སོགས་བསླབ་སའི་སློབ་གླིང་བཙུགས། གཞན་དཀར་མཛེས་སུ་གྲྭ་པ་བློ་རིག་ཅན་ཉི་ཤུ་ལྷག་ཙམ་ཚད་མ་བསླབ་པར་མངགས། དེ་མིན

ཆོས་ཚོགས་བྱེད་སྒོ།法会活动

ཇོ་ཉིན་བཀའ་བློན་丹协召彭吉ནགས་དགོན་པ་དེར་ཁམས་པའི་ས་ཁུལ་གྱི་སྐབས་བཅུ་གསུམ་པའི་དགེ་ལུགས་པའི་དགོན་སྡེ་དང་པོ།

མི་སྣ་ངོ་སྤྲོད།人物介绍

 རང་དགོན་ལ་མཆོག་སྤྲུལ་རྣམ་པ་བརྒྱད་ཡོད་པ་ལས། ད་ལྟར་ཞལ་བཞུགས་པ་མཁར་གསར་སྤྲུལ་སྐུ། བྲག་སྲས་སྐུ་ཆེན། བྲག་སྲས་སྐུ་ཆུང་། ཆོས་གླིང་སྤྲུལ་སྐུ་བཅས་ཡོད་ཅིང་། སྔར་མདོ་དབུས་ཁམས་གསུམ་དུ་གྲགས་པའི་ཤར་པ་ཆོས་རྗེ་བློ་བཟང་སྐལ་ལྡན་མཆོག་དང་། གདན་ས་རུ་འཇམ་དབྱངས་གཉིས་པར་གྲགས་པའ