佛七法会,海会云集,善信同归,法缘广布,胜事难逢

中文 | བོད་ཡིག།

ཆེས་གསར་བའི་ཆ་འཕྲིན།  最新讯息

འབྲེལ་གཏུག་ང་ཚོ།  

འབྲེལ་གཏུག་བྱེད་མཁན།:ཀྲང་ཅིན་ལི།
འབྲེལ་གཏུགས་ཁ་པར།:0836–7321021
ས་གནས།:སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཏྲེ་ཧོར་ལྕོག་རི་དགོན་པ

དགོན་གཞུང་ནས་གསལ་བཤད།

གསལ་བཤད།
ལྕོག་རི་དགོན་ནི་དུས་རབས་བརྒྱད་ཙམ་ལ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཕྱག་བཏགས་པའི་དགོན་པ་ཞིག་སྟེ།  ད་ལྟར་སི་ཁྲོན་དཀར་མཛེས་ཁུལ་བྲག་མགོ་རྫོང་ཏྲེ་ཧོར་ཤང་གི་ས་ཆ་རུ་ཡོད་ལ། དགོན་པ་འདིར་ཆོས་སྒོ་ཕྱེ་ནས་ད་བར་མི་ལོ་སུམ་བཅུ་ལྷག་ལ་དགོན་གནས་གསར་བཞེས་དང་འཛུགས་སྐྲུན་མི་དམན་པར་བྱས་ཡོད་མོད།  དགོན་པ་གཞུང་གིས་དགོན་པའི་འདུལ་ཁང་སོགས་བཞེངས་ཆེད་དྲྭ་ཐོག་སོགས་ནས་སློང་མོ་བྱེད་པ་སོགས་གཅིག་ཀྱང་བྱས་མྱོང་མེད་ལ། རྗེས་ཕྱོགས་ལའང་སློང་མོ་བྱེད་པ་སོགས་རྩ་བ་ནས་བྱ་རྩིས་མེད། དེང་དུས་གོ་ཐོས་ལྟ་ན་མི་སྒེར་གྱིས་ལྕོག་རི་དགོན་པའི་ཆེད་དུའམ་དགོན་པའི་འཚོགས་མཆོད་ཆེད་དུ་ཡིན་ཚུལ་གྱིས་སློང་མོ་བྱེད་ཀྱིན་ཡོད་མོད། དགོན་གཞུང་ལ་དམངས་སྒོར་སྐར་མ་གང་གིས་ཀྱང་ཕན་ཐོག་བྱུང་མ་མྱོས་ལ།  རྗེས་མ་འདི་ལྟ་བུ་ལྕོག་རི་དགོན་གཞུང་ཁ་ལ་ཁྱེར་ནས་སློང་མོ་བྱེད་མཁན་རིག་མཐོང་ན་དགོན་པའི་ཁ་པར་ཨང་གྲངས་0836–7321021འདི་ལ་འབྲེལ་བ་གནང་རོགས།གལ་ཏེ་མཆོད་འབུལ་བྱེད་བསམ་ན་འབྲེལ་གཏུག་བྱ་ཡུལ་གཙོ་བོ་དགོན་གཞུང་ཁ་པར་ཨང་གྲངས0836-7321021

སྟེང།:མེད།
འོག།:མེད།