佛七法会,海会云集,善信同归,法缘广布,胜事难逢

中文 | བོད་ཡིག།

འབྲེལ་གཏུག་ང་ཚོ།  

འབྲེལ་གཏུག་བྱེད་མཁན།:ཀྲང་ཅིན་ལི།
འབྲེལ་གཏུགས་ཁ་པར།:0836–7321021
ས་གནས།:སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཏྲེ་ཧོར་ལྕོག་རི་དགོན་པ

མཁར་གསར་བླ་མ་བློ་བཟང་དགེ་ལེགས་མཆོག་ནི།
ཁྱེད་ཀྱི་མིག་སྔ་འི་སྡོད་གནས།:དྲ་བའི་མདུན་ངོས། > མི་སྣ་ངོ་སྤྲོད།

མཁར་གསར་བླ་མ་བློ་བཟང་དགེ་ལེགས་མཆོག་ནི།  དཀར་མཛེས་ཁུལ་བྲག་འགོ་རྫོང་ལྕོག་རི་དགོན་མཆོག་སྤྲུལ་རྣམ་པ་བརྒྱད་ཀྱི་ཡ་གྱལ་ཏེ་མཁར་གསར་སྐུ་ཕྲེང་གསུམ་པའི་ཡང་སྲིད་ཡིན་ཞིང་། ཁོང་ནི་སྤྱི་ལོ༡༩༥༥ཟླ་༡པོའི་ཚེས་༨ལ་སྨད་མདོ་ཁམས་སྒང་དྲུག་ལས། ཁམས་གསུམ། ཆུ་བཞི། མདོ་ལྔ། རོང་བརྒྱད། ཤོག་བཅུར་བགྲང་དུ་ཡོད་པ་ལས་ཤོག་བཅུའི་ཡ་གྱལ་ཁམས་ཏྲེ་ཤོག་མིའུ་གདུང་དྲུག་ཨ་ལྕགས་འབྲུའི་རྒྱུད་ལས་མཆེད་པའི་མི་རྒྱུད།མི་ལོ་སྟོང་ལྷག་རིང་ཏྲེ་ཧོར་དཔོན་གྱིས་བདག་བཟུང་བའི་སའི་ཆརགཏོགས།  མདོ་ཁམས་ཟལ་མོ་སྒང་གི་གཡས་ཟུར།  ཉི་ཆུ་དང་བརྡ་ཆུ་གཉིས་ཀྱི་བར་འདབ།  མཁར་གསར་བླ་མཚོའི་ཉེ་འགྲམ། ཏྲེ་ཧོར་ཕོ་བྲང་གི་བྱང་དུ་ཕྱོགས་པའི་མཁར་ལེབ་ཅེས་ཤར་ན་ཤར་ཀྱི་རྒྱག་སྟག་ཁྲ་བོའི་བྲག་རི་མཛེས་ཞིང་།  ལྷོ་ན་བརྡ་ཆུ་གཡུལ་འབྲུག་སྔོན་མོ་དལ་གྱིས་འབབ་པ། ནུབ་ན་རྨ་བྱ་དམར་པོའི་མཛེས་སྡུགངོམས་འདྲའི་ཀུན་ཟུར་རི་རྒྱལ་ཕྱུག་མོ།  བྱང་ན་རུས་སྦལ་སེར་པོ་ལུང་བསང་རྫ་བྲག་ཁད་ཀྱིས་འགྱིང་བ།  མདུན་རི་བུམ་པ་འདྲ་བ་སོགས་སའི་སྲུང་བཞི་ཚང་བའི་ཁྱིམ་དུད་མཁར་ལེབ་ཆུ་ཁ་ཚང་དུ།  ཡབ་ཚེ་རིང་དང་། ཡུམ་པདྨ་ལྷ་མོ་གཉིས་ཀྱི་སྲས་སུ་ཁྱིམ་དུ་འོ་དམར་པོས་ཡོངས་སུ་ཁྱབ་བ་སོགས་ངོ་མཚར་བའི་ལྟས་དང་བཅས་པར་སྐུ་འཁྲུངས།  

 

སྤྱི་ལོ༡༩༥༧ལོ་ལྕོག་རི་དགོན་གཞུང་དང་མཁར་གསར་བླ་མའི་བླ་བྲང་གཉིས་ནས་དཀར་མཛེས་འཁྲུངས་སར་རྡོ་རྗེ་འཆང་ལ་གསོལ་བ་བཏབ་པ་བཞིན། ལྕོག་རི་དགོན་གྱི་བླ་མ་མཁར་གསར་སྐུ་ཕྲེང་གསུམ་པའི་ཡང་སྲིད་དུ་ངོས་འཛིན་གནང་བ་དང་། ལོ་དེར་ལྕོག་རི་དགོན་གཞུང་དང་བླ་བྲང་ཟུང་གི་ཆིབས་བསུ་སོགས་གཟབ་རྒྱས་མཛད་ནས། སོག་སྒང་རི་ཁྲོད་ཀྱི་འདུལ་ཁང་དུ་སྤྲུལ་སྐུའི་ཁྲི་ལ་མངལ་གསོལ་ཏེ། མི་ལོ་གཉིས་ཙམ་ལ་ཁོང་གི་བླ་བྲང་དུ་བཞུགས།

 

༡༩༥༩ལོ་ནས་རིག་གསར་འགོ་ཚུགས་པས་བླ་མ་ཁོང་རང་གི་ཁྱིམ་དུ་ལོག་ཅིང་།   དེ་ནས་མི་ལོ་༢༤རིང་ལ་རང་ཡུལ་ནས། མི་སེར་དཀྱུས་མའི་ནང་གི་དཀྱུས་མ་ཞིག་གི་ཚུལ་དུ་ཞིང་རྨོ་ལུད་ཁུར  ནས་རྔ། ཞོར་ལས་འགྲོ  ཤིང་གཅོད་པ་ལ་སོགས་པའི་ངལ་རྩོལ་ལས་ལ་ཞུགས་ནས་ཉམས་ཐག་པའི་འཚོ་བ་རོལ་དགོས་ཐུག  

 

༡༩༧༧ལོ་ཏང་གི་སྲིད་ཇུས་བཟང་པོའི་འགོ་བརྩམས་པ་ནས་ལྕོག་རི་དགོན་ཉམས་གསོའི་ཆོག་མཆན་མི་ལོ་ལྔ་ལ་ཞུས་པ་དང་།  རྗེ་བློ་བཟང་ཕུན་ཚོགས་མདུན་ནས་ལྕོག་རི་དགོན་གྱི་འདུན་ཚོགས་སོགབསླ

 

༡༩༨༣ལོ་ནས་ཏང་གི་སྲིད་ཇུས་བཟང་པོའི་འོག་ལྕོག་རི་དགོན་ཉམས་གསོའི་ཆོག་འཆན་ཐོབ་པ་དང་།  ཏྲེ་ཧོར་ཡུལ་མི་སྤྱི་དང་བྲག་འགོ་རྫོང་གཞུང་གཉིས་ཀྱིས་ལྕོག་རི་དགོན་ཉམས་གསོའི་འགན་ མཁར་གསར་བླ་མཁོང་གིས་བཞེས་པའི་རེ་བ་བཞིན་དུ་ལྕོག་རི་དགོན་ཉམས་གསོའི་འགན་མི་ལོ་བཅོ་ལྔ་ལ་བཞེས་ཏེ་དགོན་པ་ཉམས་གསོའིགོ་ཁྲིད་པའི་འཕྲིན་ལས་མཛད་པར་མ་ཚད། ནང་དགོས་འདུ་ཁང་སོགས་གསར་བཞེངས་ཀྱི་ཤིང་གཅོད་རྡོ་ཁུར་དང་གྱང་རྡུང་བ་སོགས་སྐུ་མངོན་ངལ་རྩོལ་ལས་ལ་ཞུགས།  ལྕོག་རི་དགོན་ཉམས་གསོ་མཐུན་སྐྱེད་དུ་ཞིང་འབྲོག་ལས་རིགས་འཕེལ་རྒྱས་དང་།  ཚོང་གཉེར་ལས་སྒོ་སྣ་ཚོགས་སྤེལ་ནས་དགོན་པ་ཉམས་གསོ་དར་སྤེལ་གྱི་མཐུན་རྐྱེན་སྟབས་བདེ་གང་ལེགས་གནང་། གྲྭ་པ་ཆུང་ཆུང་རྣམས་ལ་སློབ་གྲྭ་བཙུགས་ཤིང་བློ་རིག་གསལ་བ་རྣམས་དགོན་ཁག་གཞན་དུ་སློབ་གཉེར་དུ་སྐྱེལ་བ་དང་ དེ་མིན་ད་དུང་གྲྭ་པ་ཁག་ཅིག་སྨན་དང་རྩིསལྷ་བཟོ་སྦྱོང་ས་མངག་ཡོད།  མདོར་ན་༡༩༨༣ ལོ་ནས་མི་ལོ་ལྔ་ལ་མཁར་གསར་མཚོ་འགྲམ་དུ་ལྕོག་རི་དགོན་ཉམས་གསོ་བྱེད་པ་དང་།  གཡང་ཐང་དུ་མི་ལོ་བཅུའི་རིང་དགོན་པ་གསར་བཞེངས་བྱས་ནས། ༡༩༩༩ལོ་ལྕོག་རི་དགོན་གྱི་རྟེན་དང་བསྟན་པ་བཅས་ཡོངས་སུ་ལེགས་གྲུབ་བྱུང་བའི་མཛད་སྒོ་གནང་རྗེས་ད་ལྟའི་བར་དུ་ལྕོག་རི་དགོན་གྱི་དགོན་བདག་ཏུ་བཞུགས་དང་གནང་མུས་སུ་མཆིས།

 

༡༩༨༥ལོ་ནས་བཟུང་བླ་མས་ང ལ་བ་དང་དུ་བླངས་ནས་ཚོང་གཉེར་གྱི་ལསསྒོ་ཙུགས་ཏེ།  མགྲོན་ཁང་དང་ཚོང་ཁང་། ཟ་ཁང་།  ཇ་ཁང་། འགྲུལ་སྐྱེལ་སོགས་ལས་གཉེར་དུ་མ་སྤེལ།

 

༡༩༩༥ལོར་མཁར་གསར་ཚོང་ཟོག་ཚད་ཡོད་སྤྱི་གཉེར་ཁང་གསར་དུ་བཙུགས་ནས་ཚོང་གཉེར་ལས་གཞི་སྔར་ས་འཕེལ་རྒྱས་རྒྱ་ཆེ་རུ་བཏང་

དེ་བཞིན་དུ་ཚོང་ལས་ཅུང་ཡར་རྒྱས་སོང་བ་དང་བསྟུན་ཁོང་རང་གིས་སྐུ་དངོས་ཀྱི་རྒྱུ་ནོར་གཏོང་སྒོ་ལས་ཏྲེ་ཧོར་སྟོད་སྡེ་གཙོ་བྱས་པའི་ལྔ་སྐྱོང་ཁྱིམ་ཚང་རྣམས་ལ་དབུལ་སྐྱོར་དང་།  ཡུལ་དེའི་རྒ་རྒས་བདག་མེད་རྣམས་ལ་རྒན་གསོ་ཁང་བཙུགས་ལ།   འབྱུང་འཁྲུག་ཆག་འཇིག་གི་རང་བྱུང་གནོད་འཚེ་ཐེབས་པ་སོགས་ལ་རོགས་རམ་གནང་། སློབ་མ་རྣམས་ དང་གྲྭ་པ་ཇོ་མོ་རྣམས་ ལ་རོགས་དངུལགནང་བ་མ་ཚད། ཏྲེ་ཧོར་ཕྱོགས་ནས་ལམ་དང་ཟམ་པ་ལས་པ་སོགས་ཏྲེ་ཧོར་ཕྱོགས་སུ་སྐུ་དྲིན་ཆེན་པོ་གནང་མྱོང་ཡོད།

 

ཁྱད་པར་དུ་༡༩༨༣ལོ་ནས་དུས་ད་ལྟའི་བར་དུ་ཏྲེ་ཧོར་ལྕོག་རི་དགོན་དང་མཁར་གསར་བཙུན་འི་དགོན་གཙོ་བྱས་ཏེ་དགོན་པའི་རྟེན་བཞེངས་དང་།  གྲྭ་བཙུན་རྣམས་ལ་གཟན་གོས་དང་འཚོ་བའི་ཁ་གསབ།  སློབ་གྲྭའི་དགེ་རྒན་ལ་ཟླ་ཕོག་སོགས་དམངས་སྒོར་བྱེ་བ་གཉིས་ལྷག་བཏང་ཡོད་པ་རེད། དེ་བཞིན་དུ་སྐྱེ་དགུ་མདོའི་ས་འགུལ་དང་། ཝུན་ཁྲོ་ས་འགུལ་གནོད་སྐྱོབ་ཏུ་དམངས་སྒོར་ས་ཡ་གཉིས་ལྷག་ཏང་ཡོད།

 

༡༩༩༥ལོར་མཁར་གསར་བླ་མས་མཁར་གསར་བཙུན་དགོན་ཐེག་ཆེན་ཆོས་གླིང་ཕྱག་འདེབས་མཛད་པ་དང་།

༡༩༩༨ལོར་ཁོང་གིས་སྦྱིན་བདག་མཛད་དེ་མཁར་གསར་མཚོ་འགྲམ་དུ་བཙུན་མའི་འདུ་ཁང་སོགས་གསར་བཞེངས་གནང་། ༢༠༡༥ལོ་མཁར་གསར་བླ་མས་བྲག་མགོ་རྫོང་ཐོག་ཏུ་ཡིག་རྨོངས་སེལ་བའི་འཛིན་གྲྭ་བཙུགས་པར་སློབ་མ་རྒས་གཞོན་བརྒྱ་དང་སུམ་ཅུ་ལྷག་ཡོད་ལ། དེ་དག་གི་སློབ་ཁང་དང་།  དགེ་རྒན། སློབ་དེབ་སོགས་ཀྱི་འགྲོ་སོང་ཆ་ཚང་ཁོང་གིས་གནང་དང་གནང་མུས་སུ་མཆིས།

༢༠༡༤ལོར་སླར་ཡང་མཁར་གསར་བཙུན་དགོན་གྱི་རྟེན་གསུམ་དང་། འདུ་ཁང་།  ཇ་ཁང་དང་ཆོས་རྭ།  བཙུན་མ་རྣམས་ལ་གྲྭ་ཤག་སོགས་ཀྱི་ཐད་དམངས་སྒོར་བྱེ་བ་གཅིག་ལྷག་གིས་བཞེངས་བསྐྲུན་མཛད་པར་མ་ཟད། བཙུན་མ་རྣམས་ལ་དགེ་རྒན་གདན་དྲངས་ནས་ཉིན་བཞིན་སློབ་ཁྲིད་དང་ཆོས་རྭ་སོགས་ཡོད་པར་གནང་

༢༠༡༥ལོ་ནས་སླར་ཡང་ལྕོག་རི་དགོན་གྱི་འདུ་ཁང་རྙིང་པ་ཉམས་གསོ་དང་འདུ་ཁང་གསར་བཞེངས།  ལྕགས་རི་ཞིག་གསོ་སོགས་ལ་ཁོང་གིས་དངོས་ཤུགས་བརྒྱུད་གསུམ་ཆ་ནས་དམངས་སྒོར་ས་ཡ་བདུན་ ལྷག་བཏང་ཞིང་༢༠༡༨ལོའི་ཟླ་༧པ་མཛད་སྒོ་གནང་རྒྱུ་གཏན་ལ་འཁེལ།

 

ད་ལྟ་མཁར་གསར་བླ་མས་ཚོང་ལས་གཙོ་གཉེར་བྱེད་ས

དར་རྩེ་མདོ་མཁར་གསར་ཧོར་རིག་གནས་གཙོ་དོན་མགྲོན་བྲང་།

ས་གནས། དར་རྩེ་མདོ་དམག་དཔོན་ཟམ་པའི་ཤར་ཕྱོགས་ཁྲོམ་ཆེ་སྒོ་རྟགས་198།

དར་རྩེ་མདོ་མཁར་གསར་མགྲོན་བྲང་།

ས་གནས། དར་རྩེ་མདོ་ཤར་ཕྱོགས་གྲོང་གསར་རླངས་འཁོར་འབབ་ཚུགས་མདུན་ཕྱོགས།

བྲག་འགོ་རྫོང་མཁར་གསར་མགྲོན་བྲང་།

ས་གནས།བྲག་འགོ་རྫོང་མཐུན་སྒྲིལ་ལམ་303ཞིང་ཆེན་ལམ་ཆེན་གྱི་གཡས་ཕྱོགས།

བྲག་འགོ་རྫོང་མཁར་གསར་མགྲོན་མཁར།

ས་གནས། བྲག་འགོ་རྫོང་མཐུན་སྒྲིལ་ལམ་རླངསའཁོར་འབབ་ཚུགས་ཀྱི་གཡོན་ཕྱོགས།

དཀར་མཛེས་རྫོང་མཁར་གསར་མགྲོན་བྲང་།

ས་གནས།དཀར་མཛེས་རྫོང་ཁྲོན་བོད་གཞུང་ལམ་སྒོ་རྟགས་392།

 

མཁར་གསར་བླ་མ་ཡིས་སྤྱི་ལོ༢༠༡༤ནས་༢༠༢༤བར་ལོ་རེ་བཞིན་སློབ་ཆེན་སློབ་མ་དྲུག་ཅུ་ལ་སློབ་ཡོན་རོགས་དངུལ་གནང་དང་གནང་མུས་སུ་མཆིས་ལ།

དེ་ཡང་ལས་གཞི་འདི་ནི་ཁོང་གི་དགོངས་པ་ལ་གནའ་དེང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྔོན་ཐོན་མི་རིགས་དང་རྒྱལ་ཁབ་གང་ཡིན་རུང་། རིག་གནས་སློབ་སྦྱོང་བརྩི་སྲུང་འཕེལ་རྒྱས། ཤེས་ཡོན་འཇོན་ཐང་ཅན་རྣམས་ལ་བརྩི་བཀུར་བྱ་རྒྱུ་ནི་ཡ་རབས་ཚུལ་ལྡན་གྱི་སྤྱོད་པ་དང་སྤྱི་ཚོགས་ཡར་རྒྱསརྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྩ་བ་ཞིག་ཏུ་རྩི་བཞིན་ཡོད་པ་རེད། ཁྱད་པར་དུ་མི་སོ་སོའི་བྱང་ཚད་ཇེ་མཐོར་འགྲོ་བ་དང་། ཁྱིམ་ཚང་སོ་སོའི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་འགྲོ་དགོས་ན་རིག་གནས་དར་སྤེལ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གནད་དུ་ཆེ་བས། 2014ནས་2024བར་ལོ་རེ་བཞིན་ལོ་ཆེན་སློབ་མ་དྲུག་ཅུ་རེ་ལ་སློབ་ཡོན་རོགས་དངུལ་གནང་རྒྱུ་བྱས་ཤིང་།  རོགས་སྐྱོར་བྱེད་སའི་སློབ་མ་ནི། ས་གནས་བྲག་མགོ་རྫོང་ནས་དངོས་གཞི་ཡན་གྱི་སློབ་ཆེན་སློབ་མ། སློབ་མའི་ཁྱིམ་ཚང་དབུལ་སྐྱོར་རམ་དངུལ་བུན་སྐྱི་ལེན་བྱེད་ཡོད་པའི་ཁྱིམ་ཚང་བཅས་ཡིན་དགོས།  རོགས་དངུལ་འདི་རྒྱལ་ཁབ་ཀྱི་གཞུང་དངུལ་མིན་ལ། སྒོར་མོ་དེ་དག་གནམ་ནས་འབབ་པ་དང་ས་ནས་སྐྱེས་པ་ཞིག་དེ་བས་ཀྱང་མིན་། འདི་ནི་མཁར་གསར་བླ་མས་སྤྱི༡༩༨༥ལོ་ནས་ཚོང་ལས་ཙག་ཙིག་ནས་མགོ་བཙུགས་ཏེ།  སྤྱི་ལོ་༡༩༩༥ལོ་ནས་མཁར་གསར་ཟོག་ཚོང་ཚད་ཡོད་འགན་ཁུར་སྤྱི་གཉེར་ཁང་བཙུགས་པ་སོགས་ངལ་བ་བརྒྱ་སྟོང་ལས་ཐོབ་པ་ཀུན་གྱིས་མཁྱེན་པར་ཞུ། 

སྤྱིར་བཏང་རོགས་དངུལ་སྤྲད་དགོས་སའི་སློབ་མ་མང་མོད།  དེ་དག་ལས་མཁར་གསར་བླ་མས་ནུས་ཚོད་ཀྱིས་ལོ་རེ་བཞིན་དབུལ་སྐྱོར་ཁྱིམ་ཚང་གི་སློབ་མ་ལ་རོགས་དངུལ་སྤྲད་རྒྱུ་ཡིན། རོགས་དངུལ་སྤྲད་སའི་སློབ་མ་རྣམས་ཀྱིས་ཀྱང་བརྩོན་པ་ཆེན་པོས་སློབ་སྦྱོང་ལ་འབད་ཅིང་རང་གི་སྐད་དང་ཡི་གེ་གཙོ་བོར་བཟུང་ནས་བཅུ་ཕྲག་རིག་པའི་གནས་ལ་རྒྱུད་འཛིན་དང་རང་གི་ཆེད་སྦྱོང་གང་ཡིན་ན་ཆེད་སྦྱོང་ཆེད་ལས་སྟེང་དུ་འགྲོ་ཐུབ་པར་བྱ་དགོས།  

 

ལས་གཞིའི་བརྒྱུད་རིམ།

ལོ་རྟག་པའི་བྲག་འགོ་རྫོང་གི་དངོས་གཞི་ཡན་ལ་རྒྱུགས་འཕྲོད་མཁན་གྱི་སློབ་མའི་ནང་དབུལ་སྐྱོར་ཁྱིམ་ཚང་གི་སློབ་བུ་དང་། བྲག་འགོ་རྫོང་སློབ་གསོ་ཅུ་དང་འཐབ་ཕྱོགས་གཅིག་འགྱུར་པུའུ་གཉིས་ཀྱིས་མཉམ་འབྲེལ་གྱིས་ལྟ་ཞིབ་བྱས་ཏེ།  དབུལ་སྐྱོར་ཁྱིམ་ཚང་དང་། དངུལ་བུན་སྐྱི་ལེན་བྱེད་ཡོད་པའི་ཁྱིམ་ཚང་གི་སློབ་མ་བཅོ་ལྔ་བདམས་པདེ་དག་གི་དཀར་མཛེས་ཁུལ་དབུལ་སྐྱོར་ཁྱིམ་ཚང་སློབ་མའི་ཞིབ་བཤེར་རེའུ་མིག་ཐོག  སོ་སོའིཡུལ་ཚོ་དང་སློབ་གསོ་ཅུ་ཐམ་ག་བརྒྱབ་ནས་དཀའ་ངལ་དཔང་ཡིག་དང་བཅས་མཁར་གསར་དགེ་ཕན་ཐེབས་རྩར་སྤྲོད་དགོས། དེ་བཞིན་དུ་མཁར་གསར་དགེ་ཕན་ཐེབས་རྩས་ཀྱང་སློབ་མའི་རྒྱུགས་འབྲས་དང་ཁྱིམ་ཚང་གི་གནས་ཚུལ་སོགས་ལ་བལྟས་ནས་རོགས་དངུལ་སྤྲོད་ཐག་གཅོད་རྒྱུ་ཡིན།

 

དེ་ཡང་ཆབ་སྲིད་ལས་ད་ལྟའི་བདེ་སྡུག་དང་དཔལ་འབྱོར་ནིའབྱུང་འགྱུར་གྱི་མཐུན་རྐྱེན།   སློབ་གསོ་ནི་མ་འོངས་པའི་ཁ་ཕྱོགས་ཟེར་བ་ལྟར།  རྒྱལ་ཁབ་དང་མི་རིགསས་གནས་ཤིག་གི་འཕེལ་རྒྱས་ཀྱི་རྩ་བ་ནི་སློབ་གསོ་ཡིན།  ཁྱད་པར་དུ་སོར་སྐྱེ་གང་ཞིག་ལ་མཚོན་ན།  ཤེས་རིག་ཡོན་ཏན་དང་ཡ་རབས་ཀུན་སྤྱོད། དཀར་ཕྱོགས་དགེ་རྩ་ནི་ཆེས་གལ་ཆེ་ཤོས་ཀྱི་གནད་ཅིག་རེད།   ཤེས་རབ་བརྩོན་འགྲུས་ཆེ་བའི་བྲག་འགོ་སློབ་མ་དག་ལ་སློབ་གྲྭ་ཆེན་མོར་འགྲོ་རྒྱུའི་གོ་སྐབས་འདྲ་མཉམ་ཞིག་སྤྲད་ཆེད་དང་།  བྲག་འགོ་རྫོང་ལ་སྤུས་ཚད་མཐོན་པོའི་ཤེས་ལྡན་མི་སྣ་གསོ་སྐྱོང་། དངོས་གཞི་དང་ཞིབ་འཇུག་རབ་འབྱམས། འབུམ་རམས་པའི་སློབ་མ་བཅས་གསོ་སྐྱོང་བྱ་རྒྱུའི་སྤྱི་ཡི་དམིགས་ཡུལ་དེ་ཡིན།   

 

སྤྱི་ལོ་2014ནས་2024ལོ་བར་ དངོས་གཞི་ཡན་གྱི་རྒྱུག་འབྲས་ཐོབ་བའི་ལྔ་སྐྱོང་ཁྱིམ་ཚང་གི་སློབ་མ་བརྩོན་འགྲུས་ཅན་བརྒྱ་དང་ཉི་ཤུ་ལ། དམངས་སྒོར་ཁྲི་ས་ཡ་གཉིས་འབུམ་གཉིས་ཁྲི་གཉིས་ཀྱི་སློབ་ཡོན་རོགས་དངུལ་བཏང་ནས་དབུལ་སྐྱོར་ཁྱིམ་ཚང་གི་སློབ་བུདེ་དག་ལ་སློབ་གྲྭ་ཆེན་པོར་འགྲོ་འི་གོ་སྐབས་སྤྲད་རྒྱུ་དང་། ༢༠༡༤ནས་༢༠༢༤བར་ལ་བྲག་འགོ་རྫོང་གི་ལྔ་སྐྱོང་ཁྱིམ་ཚང་གི་བུ་རྒྱུད་བརྒྱ་དང་ཉི་ཤུ་དངོས་གཞིའམ་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་ཏུ་བཅུག་ནས་ཁྱིམ་ཚང་རྣམས་འབྱོར་འབྲིང་ཅན་དུ་བསྒྱུར་གང་ཐུབ་བྱ་རྒྱུ་ཡིན